ནང་དོན་གཙོ་བོར་མཆོང་།བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༣།༡༣
༡) བོད་མི་གནས་ཡུལ་གང་སར་བོད་ཀྱི་བེུད་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་པའི་སྐབས་རྒྱ་གར་དང་ལ་དྭགས་ཀྱི་བེུད་འགོ་ཁྲིད་ཀྱིས་ཀྱང་མཉམ་ཞུགས་གནང་འདུག
༢) ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་བཙུན་ ༧༥ ལ་དགེ་ཚུལ་གྱི་སྡོམ་པ་སྩལ་ཏེ་བསླབ་སྡོམ་རྣམ་དག་སྲུང་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་པ་བཀའ་གནང་འདུག
༣) ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་ཡང་སྲིད་རྒྱ་ནག་མ་ཡིན་པར་རང་དབང་གི་རྒྱལ་ཁབ་ཅིག་ཏུ་འཁྲུངས་ངེས་ཡིན་ཞེས་༧གང་ཉིད་ཀྱི་བཀའ་རྩོམ་ཕྱག་དེབ་གསར་པ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པའི་ནང་གསུངས་འདུག
༤) ཉེ་ལམ་མེ་ཊ་ (Meta) ཡིས་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་རྒྱ་ནག་གིས་ངོ་དེབ་སོགས་དྲྭ་ཐོག་ནས་དྲྭ་གནས་རྫུན་བཟོས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་རྣམས་ལ་སྐྱོན་བརྗོད་དང་དཀྲོག་གཏམ་སྤེལ་བཞིན་ཡོད་པ་ཐེར་འདོན་བྱས་པའི་ཐད་གླེང་མོལ་ཞུས་པ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན།༢༠༢༥།༠༣།༡༣
RFA Tibetan TV –03/13/25
Anchor : Tashi Wangchuk
Producer : Nordon